Important message for now days.

༈ །སངས་རྒྱས་ཀྱི་བསྟན་པ་ལ་ཕན་པའི་ལྷག་བསམ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་པའི་སེམས་པ་བཟང་པོ། ང་མཁས་པ་ཡིན་སྙམ་པའི་བློ་ཡོད་སྲིད་ཀྱང་། བརྒྱུད་པ་ཉམས་ཆགས་ཅན་དང་། དམ་གྲིབ་ཕོག་པའི་གང་ཟག་ལ་སངས་རྒྱས་སུ་མཐོང་ན། ཐར་པའི་སྲོག་རྩ་གཅོད་མཁན་དེང་སང་མང་པོ་རེད། གལ་ཏེ་མ་ཤེས་ན། ཆོས་འབྲེལ་སོགས་བྱས་པ་ཡིན་ན་བློ་རྨོངས། མ་ཤེས་པ་དང་། མ་རིག་པ་རེད། ཤེས་བཞིན་བྱེད་པ་ནི། བླུན་པོ་འཇིག་རྟེན་ཆོས་བརྒྱད་ཀྱི་རྗེས་སུ་འབྲངས་པ་དང་། ཟོག་པོའི་ལུགས་རེད། འདི་ཡང་གཡོ་སྒྱུ་མེད་པའི་དྲང་པོའི་ངག་གི་བདེན་པར་ཤུགས་ཀྱི་ཐལ། གལ་ཏེ་རྫོགས་པ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་གནང་མཁན་ཡིན་ན། ཀུན་བཟང་སྨོན་ལམ་ལས། སྲིད་གསུམ་འཇིགས་ཀྱང་དངང་སྐྲགས་མེད། འདོད་ཡོན་ལྔ་ལ་ཆགས་པ་མེད། འདི་འདྲའི་རྟགས་དང་ཚད་མ་གང་ཟག་དེ་ལ་ཡོད་དགོས་པ་རེད། ཡིན་ནའང་། དེང་སང་འདི་འདྲ་གོ་ལྡོག་རེད། ཆོས་བརྒྱད་ཀྱི་གོང་ས་ཤོར་ས་རེ་སྙམ་པའི་འཇིགས་སྣང་གིས་ངོ་ཚ་མཁན་གྲངས་མེད་རེད། འདོད་ཆགས་མེ་ལས་ཚ་བའི་རྐྱེན་གྱི་བསླུ་འབྲིད་འདོད་ཡོན་ལྔ་ལ་རྔམ་སེམས་ནི། ཐར་པའི་ལམ་ཐག་རི་བོང་གི་རྭ་བཞིན་ཏུ་གྱུར།།

This entry was posted in Inspirational Writings, News About Activities. Bookmark the permalink.

Leave a Reply